མངོན་འདོད་གནས་ཚུལ་མཁོ་སྤྲོད།

དྲ་རྒྱ་འདིའི་སྒྲོམ་གཞི་དང་། ནང་དོན་དཀར་ཆག དེ་བཞིན་ནང་དོན་གྱི་དཔེ་མཚོན་སྙིང་བསྡུས་རྣམས་ལ་བེད་སྤྱོད་གཏོང་མཁན་ཚང་མས་རིན་མེད་ཐོག་འཛུལ་ཞུགས་ཀྱིས་བེད་སྤྱོད་བྱེད་ཆོག

བརྒྱུད་ལམ་འདིའི་བརྗོད་བྱ་དངོས་རྣམས་༼གཤམ་དུ་"ནང་དོན་གྲུབ་ཆ་"ཞེས་ཐ་སྙད་བྱས་ཡོད་པ་༽ནི་ཆོག་མཆན་ཡོད་པའི་བེད་སྤྱོད་གཏོང་མཁན་ཁོ་ནས་བེད་སྤྱོད་བྱེད་ཆོག ཆོག་མཆན་ཡོད་པའི་བེད་སྤྱོད་བྱེད་མཁན་ཞེས་པའི་གོ་དོན་ནི:

གང་ཟག་གང་ཞིག་ང་ཚོའི་ཚོགས་པར་ཚོགས་ཞུགས་བྱས་པའི་སྒྲིག་འཛུགས་གང་ཞིག་གི་ད་ལྟའི་སློབ་ཕྲུག་གམ དགེ་རྒན། དཔེ་མཛོད་ཚོགས་ཞུགས་པ། ཡང་ན་ལས་བྱེད་ཡིན་པའི་ཆ་ནས་དེའི་ཁོངས་གཏོགས་ཡིན་ཞིང་། སྒྲིག་འཛུགས་དེའི་སྲུང་སྐྱོབ་གཏན་པོ་ཡོད་པའི་དྲ་རྒྱའི་ལམ་ནས་བོད་ཀྱི་གནའ་བོའི་ཤེས་ཡོན་གྱི་རིག་མཛོད་ལ་འཛུལ་ཞུགས་དང་བེད་སྤྱོད་བྱེད་པར་ཆོག་མཆན་ཡོད་པ་ཞིག་ལ་གོ་བ་ཡིན།

བོད་ཀྱི་ནང་པ་དང་། བོན་གྱི་དགོན་སྡེ་དང་བཙུན་དགོན་ཁག དེ་བཞིན་རྒྱ་གར་དང་། བལ་ཡུལ། འབྲུག རྒྱ་ནག ཨུ་རུ་སུ། སོག་པོར་ཡོད་པའི་སྲོལ་རྒྱུན་སྨན་དང་ལྷ་བྲིས་ཀྱི་སློབ་གྲྭ་ཚུད་པའི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་སློབ་ཚན་ཡོད་པའི་སྲོལ་རྒྱུན་གཙུག་ལག་ལྟེ་གནས་རྣམས་ཀྱིས་རིན་མེད་ཐོག་དེབ་སྐྱེལ་དང་བེད་སྤྱོད་བྱ་ཆོག

ད་ལྟའི་ཆར་གོང་གསལ་ས་ཁུལ་དེ་དག་ལས་གཞན་གཙུག་ལག་སློབ་གཉེར་ཁང་དང་སྒྲིག་འཛུགས་ཁག་གིས་ང་ཚོའི་ནང་དོན་གྲུབ་ཆ་སོགས་ལ་འཇུག་པའི་མཐུན་རྐྱེན་སྤྲོད་མེད། ང་ཚོ་དང་མཉམ་ལས་གནང་མཁན་འགྲེམས་སྟོན་ཁང་དང་སྒེར་ཉར་ཕྱོགས་བསྡུས་པ་བཅས་ནས་རྒྱ་གར་དང། རྒྱ་ནག བལ་ཡུལ། འབྲུག ཨུ་རུ་སུ། སོག་པོ་བཅས་སུ་ཡོད་པའི་གཙུག་ལག་སློབ་གཉེར་ཁང་དང་ཚོགས་པ་ཁག་ལ་ཆོག་མཆན་སྤྲད་རྗེས། ང་ཚོས་འཛམ་གླིང་ཕྱོགས་ཡོངས་ལ་རྒྱུད་ཆ་དེ་མཁོ་སྤྲོད་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

ཚང་མས་དོ་སྣང་དང་ཤེས་དགོས་པ་ནི། ཚད་ལྡན་གྱི་ཤེས་རིག་བསྟི་གནས་ཁག་ནས་དེབ་སྐྱེལ་བྱེད་ཆོག་པ་ལས། སྒེར་གྱིས་དེབ་སྐྱེལ་བྱེད་པའི་ཆ་རྐྱེན་མེད།