རྒྱབ་ལྗོངས།

ཕྱི་ལོ་ ༢༠༠༠ ལོར་ཐེབས་རྩ་ཚོགས་པ་འདི་ཡིས་པེ་ཅིན་དུ་ཡོད་པའི་ Ford Foundation དང་མཉམ་དུ་རྒྱ་ནག་ལྷོ་ནུབ་ཁྲིན་ཏུའུ་རུ་ Academy of Classical Arts ཞེས་པའི་གཙུག་ལག་ཁང་འདི་གསར་འཛུགས་བྱེད་པར་རོགས་རམ་བྱས་ཡོད། ཕྱི་ལོ་༢༠༠༠དང་༢༠༠༩བར་དུ་ཤར་ཕྱོགས་སྒྱུ་རྩལ་དང་རིག་གཞུང་འཐེབ་རྩ་ཚོགས་པའི་ལམ་སྟོན་དང་རྒྱབ་སྐྱོར་བྱས་ནས་གཙུག་ལག་སློབ་ཁང་འདི་ཡིས་ལས་གཞི་གཙོ་བོ་གཉིས་ལ་དམིགས་གཏད་བྱས་ཡོད།

༡༽ལག་རྩལ་ཕུལ་དུ་བྱུང་བའི་བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་པ་ཡེ་ཤེས་ཤེས་རབ་༼ལྷ་ས་༽དང་ཤ་བོ་ཚེ་རིང་༼རེབ་སྐོང་༽གཉིས་ཀྱིས་སྟོང་ལ་ཉེ་བའི་ཤེས་ཡོན་དང་སྒྱུ་རྩལ་བརྙན་དཔར་ནང་བཅུག་བྱས་ཏེ་ཉར་ཚགས་བྱས་པ་དང་།

༢༽ཡེ་ཤེས་ཤེས་རབ་བམ་ཤ་བོ་ཚེ་རིང་གང་རུང་གི་སྒྱུ་རྩལ་ལས་གྲྭར་དུས་ཡུན་ཆ་ཚང་བཏང་བའི་ཕུགས་འདུན་ཡོད་པའི་ན་གཞོན་ལྷ་བྲིས་པ་རྣམས་ལ་ལས་སྦྱོང་བྱེད་ཐུབ་པར་རྒྱབ་སྐྱོར་གནང་བ་གཉིས་ཡིན།

ཕྱི་ལོ་ ༢༠༡༠ ནས་བཟུང་ཤར་ཕྱོགས་འཐེབ་རྩ་ཚོགས་པས་བོད་ཀྱི་སྒྱུ་རྩལ་དངོས་རིགས་ཉར་ཚགས་བྱས་ཡོད་པའི་རྒྱལ་སྤྱིའི་གྲགས་ཅན་འགྲེམས་སྟོན་ཁང་དང་མི་སྒེར་པ་རྣམས་ཀྱི་ལྷན་དུ་མཉམ་འབྲེལ་གྱི་ལས་གཞི་ཞིག་སྤེལ་བཞིན་ཡོད། དེའི་གྲུབ་འབྲས་སུ། རྒྱལ་སྤྱིའི་ནང་དུ་ཉར་ཚགས་ཀྱི་བསྟི་གནས་ ༥༠ ལས་མང་བའི་ནང་དུ་ཡོད་པའི་ཕུལ་བྱུང་དཔེར་འོས་ཀྱི་ཐང་ཀ་རྣམས་བརྙན་དཔར་འདིའི་ནང་དུ་ཕྱོགས་བསྡུ་བྱས་ཡོད། ལྷ་ས་དང་རེབ་གོང་ཁྲིན་ཏུའུ་བཅས་སུ་བརྒྱུད་ལམ་སྣེ་མང་གི་ནང་དུ་ཕྱོགས་བསྡུ་བྱས་པའི་སྒང་ལ་འཛམ་གླིང་ཁྱོན་ཡོངས་སུ་ཉར་ཚགས་བྱས་ཡོད་པའི་ཐང་ཀ་རྣམས་ཕྱོགས་བསྡོམས་བརྒྱབ་པར་བརྟེན། དྲ་རྒྱའི་བརྒྱུད་ལམ་ཐོག་ནས་བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་སྦྱོང་བརྡར་བྱེད་སའི་ཆ་རྐྱེན་ཐོག་མ་དེ་བསྐྲུན་ཐུབ་ཡོད།