སྒེར་གྱི་གནད་དོན།

ཁྱེད་ཚོའི་སྒེར་གཉེར་ཐོབ་ཐང་སྲུང་སྐྱོབ་བྱེད་པར་ང་ཚོས་ཁས་ལེན་དམ་བཅའ་བྱེད་ཀྱིས་ཡོད། ཁྱེད་ལ་བྱུང་བའི་བརྗོད་བྱའི་གནད་དོན་རྣམས། (༡༩༩༨ ལོའི་དབྱིན་ཡུལ་གྱི་ཡིག་ཆ་སྲུང་སྐྱོབ་ཁྲིམས་ཡིག་གཞིར་བཟུང་)ང་ཚོས་དྲ་རྒྱ་འདིའི་བརྒྱུད་ནས་ཁྲིམས་མཐུན་བེད་སྤྱོད་བྱེད་རྒྱུ་ཁོ་ན་ཡིན། ཁྱེད་ཀྱི་དངོས་སུ་ཆོག་མཆན་ཐོབ་པའམ་ཡང་ན་ཁྲིམས་ཐོག་ནས་ཆོག་མཆན་ཞུ་དགོས་ན་མ་གཏོགས། ཁྱེད་ཀྱི་སྒེར་གྱི་ཡིག་ཆ་རྣམས་ང་ཚོས་གཞན་ལ་ཚོང་སྒྱུར་བྱེད་པ་དང་། འགྲེམ་སྤེལ་བྱེད་པ། གཡར་པ་བཅས་བྱེད་ཀྱིས་མིན།

དེབ་སྐྱེལ་བྱས་པའི་བེད་སྤྱོད་བྱེད་མཁན་རྣམས་ངོ་མ་ཡིན་མིན་བརྟག་དཔྱད་བྱེད་སྐབས། ང་ཚོའི་དྲ་མཛོད་ཀྱིས་དེབ་སྐྱེལ་བྱས་པའི་བེད་སྤྱོད་བྱེད་མཁན་གྱི་མིང་དང་། གསང་ཚིག དྲ་རྒྱའི་སྒྲིག་གཞིའི་ཁ་བྱང་། (IP address) རྒྱལ་ཁབ་གང་ནས་ཡིན་མིན་བཅས་ལ་ཞིབ་འཇུག་བྱེད་ཀྱིས་རེད། དྲ་རྒྱར་ཕེབས་མཁན་གཞན་རྣམས་ཀྱི་སྒེར་གྱི་གནས་ཚུལ་རྣམས་བསྡུ་རུབ་བྱེད་ཀྱིས་མིན།

ང་ཚོའི་དྲ་རྒྱར་དེབ་སྐྱེལ་བྱས་པའི་བེད་སྤྱོད་གཏོང་མཁན་ཚོའི་བེད་སྤྱོད་བྱེད་ཕྱོགས་རྣམས་ཤེས་ཆེད་ང་ཚོས་ཚན་རྩལ་འཕྲུལ་རིག་བེད་སྤྱོད་གཏོང་སྲིད། འདི་འདྲའི་ཚན་རྩལ་གྱི་ནང་དུ་དྲ་རྒྱར་འཚོལ་འཇུག་བྱེད་སྐབས་ཀྱི་གནས་ཚུལ་བྱེ་བྲག་རྣམས་ཉར་ནས་ཕྱིར་གཏོང་བྱེད་པའི་མཉེན་ཆས་ཁུག་ཁི་ (cookie) ཟེར་བ་དེ་བེད་སྤྱོད་གཏོང་སྲིད། དྲ་རྒྱར་འཚོལ་འཇུག་བྱེད་སྐབས་འཚོལ་འཇུག་བྱེད་པའི་མཉེན་ཆས་མང་ཆེ་བས་ཁུག་ཁི་ཡི་བེད་སྤྱོད་ལ་རང་ཤུགས་ཀྱིས་ངོས་ལེན་བྱེད་ཀྱིས་རེད། འོན་ཀྱང་གལ་སྲིད་ཁྱེད་རང་ལ་འདོད་པ་ཡོད་ན་ཁྱེད་ཀྱིས་དྲ་རྒྱའི་འཚོལ་འཇུག་གི་མཉེམ་ཆས་ཀྱི་བཀོད་སྒྲིག་དེ་འགྱུར་བ་བཏང་ནས་ཁུག་ཁི་ཡི་བེད་སྤྱོད་ལ་ངོས་ལེན་མ་བྱས་ན་འགྲིགས། ཡིན་ཡང་ཆ་རྐྱེན་འདི་བེད་སྤྱོད་བྱས་པས་དྲ་རྒྱའི་ཁེ་ཕན་ཡོངས་རྫོགས་ལེན་པར་འགལ་རྐྱེན་བྱེད་སྲིད།

གལ་སྲིད་ཁྱེད་ལ་སྒེར་གཉེར་གྱི་སྐོར་ལ་དྲི་བ་དང་བསམ་འཆར་ཡོད་ན་ང་ཚོར་གློག་ཕྲིན་ admin [at] orient.org འདིའི་ཐོག་འབྲེལ་གཏུགས་གནང་རོགས།